Thursday, August 1, 2013

སྐྱེ་བུ་དམ་པ་གྱི་སླབ་བྱཱ་གལ་ཅན། ( Advice is necessary )

                            སྐྱེ་བུ་དམ་པ་གྱི་སླབ་བྱཱ་གལ་ཅན།

ས་་འཇིགས་རྟེན་ག་ཏེ་འགྱོ་རུང་རང།
ཕམ་་བཟང་པོ་སླབ་བྱཱ་ཁག་ཆེ་བས།
ཕམ་་སླབ་བྱཱ་མེད་པའི་ཨ་ལོ་ཚུ།
ས་་ག་ཏེ་འགྱོ་རུང་ལམ་འགྲོ་མེད།

ཕམ་་སླབ་བྱཱ་མེད་པའི་བུ་ཚུ་རྣམས།
དགོངམ་་སློབ་དཔོན་སླབ་རུང་ཉན་ཁུངས་མེད།
ལྟ་་ལྟོ་ཚང་སླབ་རུང་ཉན་ཁུངས་མེད།
ལཱ་་ཕྱི་འབྱུར་འབད་དེ་སེམས་འཕམ་མས།

རང་་ལེགས་པ་མི་དགོ་ཆ་རོགས་གརྩོཝ།
ཆ་རོགས་་ལེགས་ཤོམ་བསྟོན་དགོ་གལ་ཅན་ཨིན།
ཆ་རོགས་་ལེགས་ཤོམ་རང་ལུ་ཡོད་པ་ཅིན།
རང་ཡང་་ལེགས་ཤོམ་འབྱུར་ནི་ཐེ་ཚོམ་མེད།

རི་་གཅིག་ལས་ཅིག་བ་གཅིག་སྦོམ་ཡོད།
འཛམ་གླིང་་མཁས་པ་ཅིག་བ་གཅིག་མཁསཔ་ཡོད།
བསམ་་ཤེས་ཅི་ཁྱོད་བ་མཁསཔ་ཡོད་ཟེར།
ང་རྒྱལ་་མ་བཀོད་འབྱུང་ཁུངས་མིན་འདུག་ལོ།

དུས་་གནམ་རང་འབད་རུང་རང་གི་སེམས།
ཕམ་་བཟང་པོའི་སླབ་བྱཱ་དགོ་ནི་ཟེར།
དྲིན་་ཤེས་བཞིན་སེམས་ལུ་བཞག་དེ་གི།

ཕམ་་གསུང་མི་སླབ་བྱཱ་གསོན་གནང་ཞུ།

No comments:

Post a Comment