Showing posts with label Dzongkha. Show all posts
Showing posts with label Dzongkha. Show all posts

Monday, April 13, 2015

ངེའི་ཨའི་།

                     
འཇིག་རྟེན་འཛམ་གླིང་འདི་ནང་ཕ་མ་རྣམས།
བཀའ་དྲིན་ཤིན་ཏུ་ཆེ་ཟེར་བདག་གི་ཤེས།
བདག་ལ་སྦྱམས་སྐྱོང་རྩེ་དུང་གནང་མི་ལ།
དྲིན་ཆེན་ཕ་མ་རྣམས་ལ་བཀའ་དྲིན་ཆེ།

བུ་མོ་བདག་གི་ཨའི་ནི་བསམ་པ་བཟང།
བུ་ཞིག་རྣམས་ལ་རྩེ་དུང་དྲན་དྲ་གནང།
སངས་རྒྱས་ལྟ་བུ་ངེའི་དྲིན་ཆེན་ཨའི།
དགའ་སྐྱིད་ཞི་སྡོད་གནང་འདི་བཀའ་དྲིན་ཆེ།

བདག་ལ་བདེ་བ་མི་གཟིགས་གཞན་ལ་གཟིགས།
བུ་ཞིག་བདེ་བ་གཟིགས་མི་ངེ་གི་ཨའི།
བུ་མོ་བདག་གི་ལྷོང་ལས་བཀའ་དྲིན་ཞུ།
ཏ་བུ་དགའ་སྐྱིད་སྔང་ལ་གནས་པར་ཤོག

བཀའ་དྲིན་ག་བ་ཆེ་བས་བདག་གི་ཡུམ།
སྐུ་གཟུགས་འདི་ལ་བར་ཆད་མ་འབྱུང་ཤིས།
སྐུ་ཚེ་འོད་སྟོང་ལྡན་རྣམས་ཐུག་པར་ཤོག།
ཞལ་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།


དགེའོ།
written as per the instruction from my brother but its my feelings.

Wednesday, April 8, 2015

སེམས་འཁྲུལ་་བའི་རྩོམ།


ཨའི་འཁྲུལ་་སྣང་་ཅན་གྱི་སྟག་ཤར་ང།
ངེའི་སེམས་འཁྲུལ་མས་ངེ་གི་ཧིང་ལས་རང།
འཁྲུལ་སྣང་ལང་སྟེ་ལོ་དང་ཟླཝ་ལང་མས།
འཁྲུལ་རོགས་མཛད་གནང་བླ་མ་དཀོན་མཆོག་གསུམ།

གནམ་ལས་འཕུར་བའི་བྱཱ་དང་བྱི་ཅུང་ཚུ།
བུ་ང་ཨིན་རུང་ངེ་སེམས་དགའ་ནི་མས།
ས་ཕྱོགས་རང་གི་དགའ་ས་འཕུར་བའི་ཚེ།
སྡུག་བསྔལ་རང་གི་སེམས་ལས་བརྗེད་ནི་མས།

དྲན་མས་དྲན་མས་ངེ་གི་ཕ་མ་སྣམས།
ཧིང་ལས་དྲན་མས་རྩེ་བསྡུང་ཅན་གི་ཕམ།
ལུས་ལུ་ནཱ་ཚ་མེད་པ་བཞུགས་ཡོད་ག།
སེམས་ལུ་བསྡུ་བསྔལ་མེད་པ་བཞུགས་ཡོད་ག།

འཇིག་རྟེན་མི་ལུ་བལྟ་ཏེ་གཞོན་པ་ལོ།
རང་རང་གནམ་ཆུང་ཨིནམ་བཟོ་སྡོད་པ་ཅིན།
འབང་ཅན་དབང་ཙོང་འབད་ནི་ཐེ་ཚོམ་མེད།

འཕྲིལ་དོ་བུ་ཆུང་ངེ་སེམས་འཁྲུལ་དོ་མས།

Writing for improving. Article doesn't reflect my personal emotion.

Friday, March 20, 2015

སྦྱམས་དང་སྙིང་ཇེ་།

It might be mine and your parent.

༉ འཇིག་རྟེན་འཛམ་གླིང་འདི་ནང་ སྐྱེས་རེ་སྐྱེ་ཚོ་ མི་དང་སེམས་ཅན་སོགས་ཅག་ག་ར་ལུ་སྦྱམས་པ་དང་སྙིང་ཇེ་བསྐྱེལ་དགོཔས་འདི་ཧ་ཅང་གི་གལ་ཆེ་བས་ཟེར་ཞུ་ནི་ཨིན། ང་བཅས་འགྲོ་བ་མི་ལུས་ཐོབ་པའི་དུས་སྐབས་ལུ་ སེམས་ཅན་ག་ར་ལུ་རང་གི་ཕམ་བཟུམ་སྦེ་ སྦྱམས་པ་དང་སྙིང་ཇེ་བསྐྱེལ་དགོཔས་ཨིན། འདི་ཡང་ག་ཅི་འབད་ཨིནམ་ཟེར་བ་ཅིན་ འགྲོ་བ་སེམས་ཅན་ག་ར   ་རང༌གི༌ཕམ༌མ༌འབད༌མི༌༌ག་ཡང་མེད་ཟེར༌ དགེ༌བའི༌གཤད༌སྙེན༌གྱི༌གསུངམ༌ཨིན།
འགྲོ་བ་སེམས་ཅན་ཚུ་ རང་སངས་མ་རྒྱསཔ་ལས་ འདི་ངའི་གི་ཨ་པ་ཨིན་ འདི་ངའི་གི་ཨའི་ཨིན་ འདི་ངའི་སྤུན་ཆ་ཨིན་ཟེར་སླབ་མ་ཤེསཔ་ཨིན། དཔྱེ་གཅིག་ཞུ་བ་ཅིན་ སངས་རྒྱས་ཀྱི་རྗེན་འཇུག་པ་ འཕགས་པ་ཀ་ཏ་ཡ་ནཱ་ གི་ག་དེ་སྦེ་གསུང་བཞག་ནུག་གོ་ཟེར་བ་ཅིན་ ཕ་ཤ་བཟའ་ཤིས་མ་ལ་བལྡེག། གསོན་པོ་འགྲོ་བོ་སྤང་དུ་བཟུང།  ཟེར་གསུང་བཞག་ནུག། འདི་གི་དོན་དག་ཐུང་ཀུ་ཅིག་ཞུ་བ་ཅིན་ སངས་རྒྱས་ཀྱི་ རྗེན་འཇུག་པ་ འཕགས་པ་ཀ་ཏ་ཡ་ནཱ་ གཡུས་འགོ་འདི་ནང་བསོད་ནམས་ཞུ་བར་འབྱོནམ་ད་ ཨའི་གཅིག་ལག་པ་ཨ་ལོ་གཤད་ ལྟོ་དང་གཅིག་ཁར་ཉ་གི་ཚོམ་ཅིག་ཟ་ དེ་ལས་གདོང་ཁར་ཡོད་པའི་རོ་ཁྱི་འདི་གདུང་ཡི་རང་མདའ་སྡོད་ས་གཟིགས་ནུག། ཁོ་ལུ་སྔོན་ཤེས་ཡོདཔ་ལས་ མཐོང་སྣང་འདི་ལུ་འགོད་གྲ་བའི་མཐོང་སྣང་ཨིན་མས་ཟེར་གསུང་ནུག། ཨའི༌གི༌བཟའ༌མི༌ཉ༌གི༌ཚོམ༌འདི༌ ཚེ༌སྔོན༌མ༌མོ༌གི༌ཨ༌པ༌ཨིན༌མས༌བཤེད༌ནུག།དེ༌ལས༌གདོང༌ཁར༌རོ༌ཁྱི༌གདུངས༌ཏེ༌མདའ༌མི༌འདི༌ཚེ༌སྔོན༌མ༌མོ༌གི༌ཨའི༌དང༌ལགཔ༌ལུ༌བཤད༌པའི༌ཨ༌ལོ༌འདི༌ཚེ༌སྔོན༌མ༌མོ༌གི༌དགྲ༌བོ༌ཨིན༌མས༌ཟེར༌གསུང༌ནུག།དཔྱེ༌འདི༌ལུ༌བལྟཝ༌འདྲཝ༌འབད༌བ༌ཅིན༌ང༌བཅས༌ཚུ༌གི༌རང༌གི༌ཚེ༌སྔོན༌མའི༌ཕམ༌ཚུ༌ག༌ཨིན༌ན༌ མིཤེས༌དོ་ཡོདཔ་ཨིན༌མས༌།
རྒྱུ༌མཚན༌འདི༌ཕྱིར༌དུ༌ འགྲོ༌བ༌རིག༌དྲུག༌སེམས༌ཅན༌ག༌ར༌ལུ༌སྦྱམས་པ་དང་སྙིང་ཇེ་བསྐྱེལ་དགོཔས༌མ༌ཚད༌ འབད༌ཚུགས༌པ༌ཅིན༌རང༌གི༌ཕམ༌གྱི༌ཤ༌ཟ༌ནི༌ཡང༌སྤང༌གནང༌ཟེར༌ཞུ༌ནི༌ཨིན།།

རྫོགས༌སོ།།
P.S: Spelling under your correction.

Friday, March 6, 2015

མི་ཚེ་མི་ལམ་བཟུམ་ནང་ ཕ་མ་སེམས་ཅན་ལུ་ཆ་རོགས་མཛད།

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།

དལ་བ་བརྒྱད་དང་འབྱོར་བཅུ་ཚང་འདི་གི།
མི་ལུ་ལུས་བསྟན་ཐོབ་པ་བཀལ་བ་བཟང།
དམ་ཆོས་དར་བའི་གཡུས་དང་བླ་མ་རྣམས།
མཇལ་བ་ཙམ་གྱི་བུ་ཆུང་དགའ་སྤྲོད་འབྱུང།

མི་ཚེ་མཐོང་སྣང་དགའ་སྐྱིད་བཟོ་ནི་ལུ།
བདག་གཞོན་གནས་སྟངས་གཉིས་ལ་གཟིགས་གནང་ཞུ།
བདག་གཞོན་དགའ་སྐྱིད་ཡོད་པའི་མཐོང་སྣང་འདི།
མི་ཚེ་ ཚད་ཉིད་ཟེར་རུང་འདི་རང་ཨིན།

སེམས་ཅན་ ཨིན་ཟེར་ཐུགས་ཇེ་མ་གནང་ཞུ།
སེམས་ཅན་རང་གི་དྲིན་ཆེན་ཕ་མ་ཨིན།
སེམས་ཅན་རྣམས་ལ་སྙིང་རྗེ་བཀོད་གནང་ཞུ།
ཕ་མ་ཞབས་ཏོག་ཟེར་རུང་འདི་རང་ཨིན།

སེམས་ཅན་ ཕ་མ་ཨིན་ཟེར་སྔོ་མི་ཤེས།
སྔོ་ཤེས་ དྲན་ཤེས་མེད་པའི་ཕ་མ་ལུ།
ཕ་མའི་ཤ་ཅིག་ ཟ་ནི་སྤང་འདི་གི།

སེམས་ཅན་ཕ་མ་སྣམས་ལ་གུས་སྟོད་ཞུ།

Wednesday, February 18, 2015

ཕམ་སྤུན་དྲིན་པའི་རྩོམ།།

རང་གི་དྲིན་ཆེན་ཡབ་དང་ཡུམ་གཉིས་ཀུ།།
བཞུགས་ས་ས་ཕྱོགས་ཟངས་ཐིག་གཡུས་ཁར་མས།།
བུ་ཆུང་ང་ནི་གཞན་གྱི་གཡུས་ཁར་མས།།
འཇལ་ནི་གོ་སྐབས་མ་འགྱུང་བུ་ཆུང་ལུ།།

མགུ་ཏོ་ཧང་གུ་ཀལ་བའི་དུས་ཚོད་ལུ།།
དྲིན་མས་ཡབ་དང་ཡུམ་གྱི་ཞལ་རས་འདི།།
དགའ་འཛུམ་དོང་ལུ་བསྟོན་པའི་ཞལ་རས་འདི།།
བུ་ཆུང་ཏ་བུ་ཞལ་བའི་སྨོན་ལམ་ཞུ།།

བཀའ་དྲིན་ག་བ་ཆེ་བའི་ཕ་མ་གཉིས།།
ལུས་ལུ་ནཱ་ཚ་མེད་པའི་སྨོན་ལམ་དང།།
སེམས་ལུ་སྡུག་བསྔལ་གང་ཡང་མ་འབྱུང་བར།།
སྐུ་ཚེ་ཆུ་ལས་རིང་བའི་སྨོན་ལམ་ཞུ།།

ཚེ་སྔོན་ལས་འཕྲོདའི་འཛོམ་པའི་སྤུན་ཆ་ནམས།།
བྱམས་རྩེས་ཅན་གྱི་སྤུན་ཆ་ཙང་རང་ཡོད།།
སྤུན་ཆ་རྩེས་བསྡུང་ཡོད་པའི་སྤུན་ཆ་ཡོད།།
བཀལ་བ་བཟང་ནུག་བུ་ཆུང་འཇིགས་མེད་ང།།

བུ་ཆུང་རང་གི་སྨོད་ལམ་བཏབ་ནི་ཡང།།
ཡབ་ཡུམ་སྤུན་ཆ་ནམས་ལུ་བཏབ་ནི་ཨིན།།
དགའ་སྐྱིད་མསྔའ་ལུ་ཏ་བུ་གནས་པར་ཤོག།།
འཕྲལ་དང་འཕྲལ་རང་འཇལ་བའི་སྨོན་ལམ་ཞུ།།

ཟླཝ་དང་པའི་ལོ་གསར་ལུ་བཀྲིས་བདེ་ལེགས་ཞུ།།
རྫོགས་སོ།།

འཇིགས་མེད་     བཟང་པོ།

Monday, November 10, 2014

མི་དབང་འབྲུག་རྒྱལ་༤་པ་མཆོག་ དགུང་ལོ་༦༠་བཞེས་པའི་ཉིནམ་འདི་ལུ་ མི་སེར་རང་གི་ཁ་ཐུག་ལས་ ཁ་ཙམ་ཚིག་ཙམ་མེད་པར་བཀྲིས་བདེ་ལེགས་ཞུ།།

          
Fourth Druk Gyalpo of Bhutan.
Happy 60th Birth Anniversary to your Majesty the Fourth Druk Gyalpo.
མི་དབང་འབྲུག་རྒྱལ་༤་པ་མཆོག་    དགུང་ལོ་༦༠་བཞེས་པའི་ཉིནམ་འདི་ལུ་      མི་སེར་རང་གི་ཁ་ཐུག་ལས་        ཁ་ཙམ་ཚིག་ཙམ་མེད་པར་བཀྲིས་བདེ་ལེགས་ཞུ།།
༉      བཀའ་དྲིན་ཅན་གྱི་མངའ་བདག་རྒྱལ་པོ་མཆོག
        མི་སེར་སྐྱིད་སྡུག་གཟིགས་མི་མངའ་བདག་ཡིན།
        རྩེ་བསྡུང་སྦྱམས་རྩེ་གནང་མི་མངའ་བདག་ཡིན།
        འབྲུག་རྒྱལ་༤་པ་ཞབས་ལ་ཕྱག་མཚལ་ལོ།

        དགུང་ལོ་དྲུག་ཅུ་བཞེས་པའི་ལོར་འདི་ལ།
        མི་སེར་རང་གི་ལྷོངས་ལས་སྨོན་ལམ་ཡང།
        དགའ་སྐྱིད་མངའ་ལུ་གནས་པའི་སྨོན་ལམ་དང།
        སྐུ་ཚེ་ཆུ་ལས་རིང་བའི་སྨོན་ལམ་ཞུ།

        རྒྱལ་པོ་ཞལ་རས་འོད་སྟོང་ལྡན་དང་འདྲ།
        ཡང་ལས་ཡང་དུ་མཇལ་བའི་སྨོན་ལམ་ཨིན།
        རྒྱལ་པོའི་སྐུ་གཟུགས་རྡོ་རྗེ་ཏ་བུ་འདྲ།
        བཀལ་པ་སྟོང་ལས་སྟོང་ལ་གནས་པར་ཤོག