Showing posts with label Dzongkha poem. Show all posts
Showing posts with label Dzongkha poem. Show all posts

Tuesday, April 1, 2014

རང་དབང་མེད་པའི་སེམས། (written just for fun)


གནམ་ལས་འཕུར་བའི་བྱཱ་དང་བྱིའུ་ཅུང་ཚུ།
མཐོ་བའི་ལ་མོ་སྡོད་མི་དགའ་རོགས་ལུ།
དགའ་རོགས་འོད་སྟོང་ལྡན་དང་འདྲ་མི་ལུ།
འཇིགས་མེད་ང་གི་ཁ་མཐོན་འབག་གནང་མས།

 བུ་ང་སྨན་ཆུང་དྲན་པའི་དྲན་ལུགས་དང།
ཧིང་ལས་སྨན་ཆུང་དགའ་བའི་ཧིང་གཏམ་དང།
སྨན་ཆུང་དྲན་པའི་ན་ཛུག་ཡོད་ལུགས་ཚུ།
བྱཱིའུ་ཅུང་ཁྱོད་ཀྱི་མོ་ལུ་གཤད་གནང་མས།

བུ་ང་བཟའ་ན་ཟ་བའི་བཅུད་ཡང་མེད།
བུ་ང་ཉལ་ན་ཉལ་བའི་ཉིད་ཡང་མེད།
དགའ་སྤྲོད་བཀོད་པའི་དུས་ཚོད་ནམ་ཡང་མེད།
སྐྱོ་རོགས་འབད་བ་འོང་གནང་དགའ་རོགས་ལ།

ཕྱི་རུ་ཉལ་རུང་ཉིད་ལམ་ཁྱོད་རང་མས།
དྲོ་པ་ལོང་རུང་སེམས་ཁར་ཁྱོད་རང་ཤར།
ག་ཏེ་སྡོད་རུང་ག་ཏེ་འགྱོ་རུང་རང།
སེམས་ཁར་ཁྱོད་ལས་མ་ཏོག་གཞན་འདི་མེད།

སྨན་ཆུང་སྦྱམ་དང་སྙིང་རྗེ་ཡོད་པ་ཅིན།
འཁོར་བ་འཁྱམས་པའི་བུ་ཆུང་འཇིགས་མེད་ལུ།
འཕྲལ་དང་འཕྲལ་རང་ཕྱད་པ་འོང་འདི་གི།
དགའ་སྤྲོའི་མངའ་ལུ་བཀོད་བཅུད་བུ་ཆུང་ང།

སྐྱབས་གནས་བླམ་དང་དཀོན་མཆོག་གསུམ་པོ་གི།
འཁོར་བ་འཁྱམས་པའི་བུ་ཆུང་འཇིགས་མེད་ལུ།
ཐུགས་རྗེ་སྤྱན་གྱི་གཟིགས་ཏེ་སྐྱབས་གཟིགས་གནང།
ཡང་ཡང་ཁྱོད་ལུ་གསོལ་བ་བཏབ་དོ་ང།


Monday, March 31, 2014

སྣང་བ་གང་ཤར་གྱི་རྩོམ།


ཚན་རིག་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ནམས།      All the students of CST.
བརྩོན་རིག་མཁས་པའི་སློབ་ཕྲུག་ཙང་རང་ཨིན།Are considered to be hardworking and intelligent.
ཉིན་ཉུབ་མེད་པར་དཀའ་བ་དམངས་དུ་བཅོས།their hard work are non-stopping till day and night
ངལ་རང་ཡོད་ལོ་འབྲུག་པའི་མི་སེར་ཀྱི།             People of Bhutan appreciate for their hard work.

བུ་ཆུང་ང་གི་བསྟོད་པའི་ཚིག་བརྗོདཔ་ད།      when I say above sentence.      
གངས་རི་གུ་ལུ་མཛད་པའི་ཚོར་སྣང་དང།      don’t feel like you are on the top of the mountain.
དངོས་སུ་ཨིན་པའི་ཚོར་སྣང་ཤར་ནི་དོན།      to let the sentence to become reality
གཤམ་མཁོད་བཀོད་མི་རང་གི་ཚང་དགོསཔ་ཨིན།   you have to possess following qualities.

དྲིན་ཅན་ཕམ་ལུ་ཞབས་ཏོག་ཞུ་ནི་གཅིག         To serve the thanking parents.
བཀའ་དྲིན་བསམ་ནི་ཡོན་ཏོན་གནང་མི་སློབ།   to offer gratitude to our thanking teacher
སྤུན་ཆ་ཆ་རོགས་དུད་གཤས་བཞག་ནི་གསུམ།   to have a faith in siblings and friends

སེམས་ལས་མ་བརྗེད་བསྟེན་ཀྱང་སེམས་ལ་བཞག   never let it go from your mind at any time.

Friday, March 14, 2014

འཁོར་བའི་སྡུག་བསྔལ།

 
Circle of Samsara
                           
འཇིག་རྟེན་འཛམ་གླིང་འདིའི་སྡུག་བསྔལ་དམངས།
སྐྱེ་རྒྱས་ནཱ་ཤིའི་སྡུག་བསྔལ་འགྱོགས་མཐར་མེད།
དྲག་གཞན་ཆེ་ཆུང་ཕོ་མོ་ག་རང་ཡང།
སྡུག་བསྔལ་འདི་ལས་སྤུ་ལས་འགྱོགས་མཐར་མེད།

དགའ་དགའ་སྐྱིད་སྐྱིད་སྡོད་པའི་དུས་ཚོད་ཡང།
ཡུན་རིང་གནས་པའི་ཐུགས་བསམ་མ་བཞེས་ལགས།
སྐྱོ་སྐྱོ་འཁྲིལ་སྣང་ལང་པའི་དུས་ཚོད་ཡང།
ག་ཐོབ་མེད་པར་རང་ལ་འཁོར་བ་ཡིན།

ད་རེས་གསོན་པོ་ལུས་ལ་གནས་མི་ཡང།
ནངས་པ་གཤིན་པོ་འགྱུར་ནི་ཐེ་ཚོམ་མེད།
འཇིག་རྟེན་དུས་གནམ་སྤང་ནི་གཏན་འཁྱེལ་མེད།

སྡོད་པའི་རིང་ལུ་དཀར་པོའི་ལཱ་ལ་བརྩོན།

"From a spiritual point of view, death is not a tragedy to be feared, but a great opportunity for transformation. Death is our greatest teacher. It wakes us up, helps us to purify and simplify our lives and sort out our priorities.
The fundamental message of the Buddhist teachings is that, if we are prepared, there is tremendous hope, both in life and in death". ~ Sogyal Rinpoche

Sunday, March 9, 2014

ལས་ཀྱི་རླུང་མ།

༉       ཐོབ་པ་དཀའ་བའི་དལ་འབྱོར་   མི༌ལུས༌འདིན།
          ཕོ༌མོ༌ཡོངས༌ཀྱི༌  ཐོབ༌ལས༌བསྐལ༌བ༌བཟང།
          འཕྲོ༌ལོ༌མ༌བཏང༌མི༌ལུས༌ དོན༌ཡོད༌བཟོ།
          དམ༌ཆོས༌དྲན༌ཏེ༌ མི༌ལུས༌དོན༌ཡོད༌བཟོ།

          སྐྱེ༌བའི༌ཐ༌མ༌ཤི༌ནི༌ ཐེ༌ཚོམ༌མེད།
          སྡོད༌པའི༌རིང༌ལུ༌  དགེ༌བ༌བཅུ༌དང༌གཞན།
          སངས༌རྒྱས༌གསུང༌ལ༌ཡིད༌ཆིས༌བསྐོད༌དེ༌གི།

          ཤི༌ནི༌ལམ༌ནས༌བཟང༌པོ༌གསལ༌བར༌ཤོག