Tuesday, July 30, 2013

ཕ༌མ༌གཉིས༌ལུ༌བཀའ༌དྲིན༌བསམ༌དགོཔ། (Thanking to Parents of world)

ཕ༌མ༌གཉིས༌ལུ༌བཀའ༌དྲིན༌བསམ༌དགོཔ།

འཛམ༌གླིང༌ས༌སྟེང༌འདི༌ནང༌ཕ༌མ༌ཚུ།
བཀའ༌དྲིན༌བསམ༌ནི༌བསམ༌པ༌སེམས༌ལ༌ཡོད།
འཇིག༌རྟེན༌འདི༌ནང༌ང༌བཅས༌ཨ༌ལོ༌རྣམས།
ཕ༌མ༌འདི༌ལས༌འཛམ༌གླིང༌མཐོང༌ཚུགས༌ནུག།

དང༌པ༌ཟླཝ༌དགུ༌ཕོ༌ནང༌འབག༌ཏེ༌གི།
དཀའ༌བ༌ཚད༌མེད༌ཕམ༌ལ༌སྣོང༌ནུག༌ས།
སྦོམ༌ཚེད༌མི༌འབྲེལ༌བཙུགས༌མི༌ཕ༌མ༌ལུ།
བཀའ༌དྲིན༌བསམ༌ནི༌བསམ༌པ༌སེམས༌ལ༌ཡོད།

མི༌དམངས༌བུག༌ལུ༌དཔའ༌ནམས༌བསྐོད༌དེ༌གི།
འཇན༌སྟོབས༌ག༌བ༌ཡོདཔ༌ལས༌མི༌དམངས༌བུག།
བཅོག༌བསྒྲུབས༌དམངས༌ལུ༌བསྟོན༌ཏེ༌དཔའ༌དམས༌ཐོག།
བཟང༌པོའི༌ལམ༌ལ༌བཀོད༌མི༌ཕ༌མ༌ཡིན།

ཁ༌ལས༌ཤོབ༌དང༌ལགཔ༌ལས༌ཨར༌ཀུན༌ཚུ།
རོག༌ལུ༌གཏམ༌ངན༌ཚུ༌དང༌ཚིག༌ངན༌ཚུ།
ཆ༌རོགས༌ནམས༌དང༌འཆམ༌དགོཔ༌དེ༌དང༌བཞན།
སླབ༌བྱཱ༌བཟང༌པོ༌གནང༌མི༌ཕ༌མ༌ཨིན།

ཕ༌མ༌ག༌བ༌ལྷགཔ༌ལས༌དྲིན༌ཅན༌ཨིན།
མཐོ༌ཤོག༌ཕ༌མ༌ལྷགཔ༌ལས༌ག༌ཡང༌མེད།
འཛམ༌གླིང༌ནོར༌བུ༌ཟེར༌རུང༌འདི༌རང༌མས།
སེམས༌ལས༌མ༌བརྗེད༌དྲིན༌ལན༌འཇལ༌ནི༌ལུ།

ཕ༌མའི༌ཞལ༌རས༌རྡོ༌རྗེ༌ཏ༌བུ༌གཏར།
སྐུ༌ཚེ༌ཆུ༌ལས༌རིང༌བའི༌སྨོན༌ལམ༌དང།
ཕ༌མའི༌བསམ༌པའི༌རེ༌བ༌སྒྲུབ༌སྟེ༌གི།
དགའ༌སྐྱིད༌ཕ༌མ༌ཚུ༌ལུ༌གནས༌པར༌ཤོག

ཕ༌མ༌ལུས༌ལུ༌ན༌ཚ༌མེད༌པར༌ཤོག
ཕ༌མ༌སེམས༌ལུ༌སྡུག༌བསྔལ༌མེད༌པར༌ཤོག
ཕ༌མ༌དགའ༌བའི༌མངའ༌ལུ༌གནས༌ཏེ༌གི།
བཞུགས༌པའི༌སྨོན༌ལམ༌ང༌ལས༌ཡོད།

བཀྲིས༌བདེ༌ལེགས།



1 comment:

  1. We should have a mind of thanking parents as author said.

    ReplyDelete