Thursday, August 22, 2013

༼སྨན་ཆུང་དྲེན་པའི་རྩོམ།༽ Complied by blogger author, written by Gom Dorji.

༼སྨན་ཆུང་དྲེན་པའི་རྩོམ།༽

ལེགས་པའི་སྨན་ཆུང་ཁྱོད་ལུ༎ ཧིང་ཁར་མནོ་བའི་ ཧིང་གཏམ༎
གསང་སྟེ་བཞག་པའི་གསང་གཏམ༎ འབྲི་དོ་ བུ་ཆུང་རང་གིས༎

གནམ་སྟོངམ་གནམ་གྲུའི་ལམ་ཡིན༎ རྒྱ་མཚོནི་གྲུའི་ལམ་ཡིན༎
སྨན་ཆུང་ཁྱོད་ཀྱི་དོང་ཧིང་༎ སྟག་ཤར་རང་གི་ཞིང་ཁམས༎

ཁྱོད་དང་ཕང་མ་གཏབ་དགོནི༎ ཉིད་ལམ་ནང་ལུ་ཨིན་པས༎
དངོས་སུ་གདོང་འགོར་རྐྱབ་པནི༎ ལ་དང་ལུང་གིས་བཅས་དེས༎

བུ་ཆུང་རང་གི་སྨོན་ལམ༎ དཀོན་མཆོག་གསུམ་ལུ་བཏབ་དོ༎
སེམས་འཐུན་བུ་རོགས་མཉམ་དུ༎ ལྟ་བུ་འཛོམས་པའི་རེ་བ༎








No comments:

Post a Comment