གནམ་ལས་འཕུར་བའི་བྱཱ་དང་བྱིའུ་ཅུང་ཚུ།
མཐོ་བའི་ལ་མོ་སྡོད་མི་དགའ་རོགས་ལུ།
དགའ་རོགས་འོད་སྟོང་ལྡན་དང་འདྲ་མི་ལུ།
འཇིགས་མེད་ང་གི་ཁ་མཐོན་འབག་གནང་མས།
བུ་ང་སྨན་ཆུང་དྲན་པའི་དྲན་ལུགས་དང།
ཧིང་ལས་སྨན་ཆུང་དགའ་བའི་ཧིང་གཏམ་དང།
སྨན་ཆུང་དྲན་པའི་ན་ཛུག་ཡོད་ལུགས་ཚུ།
བྱཱིའུ་ཅུང་ཁྱོད་ཀྱི་མོ་ལུ་གཤད་གནང་མས།
བུ་ང་བཟའ་ན་ཟ་བའི་བཅུད་ཡང་མེད།
བུ་ང་ཉལ་ན་ཉལ་བའི་ཉིད་ཡང་མེད།
དགའ་སྤྲོད་བཀོད་པའི་དུས་ཚོད་ནམ་ཡང་མེད།
སྐྱོ་རོགས་འབད་བ་འོང་གནང་དགའ་རོགས་ལ།
ཕྱི་རུ་ཉལ་རུང་ཉིད་ལམ་ཁྱོད་རང་མས།
དྲོ་པ་ལོང་རུང་སེམས་ཁར་ཁྱོད་རང་ཤར།
ག་ཏེ་སྡོད་རུང་ག་ཏེ་འགྱོ་རུང་རང།
སེམས་ཁར་ཁྱོད་ལས་མ་ཏོག་གཞན་འདི་མེད།
སྨན་ཆུང་སྦྱམ་དང་སྙིང་རྗེ་ཡོད་པ་ཅིན།
འཁོར་བ་འཁྱམས་པའི་བུ་ཆུང་འཇིགས་མེད་ལུ།
འཕྲལ་དང་འཕྲལ་རང་ཕྱད་པ་འོང་འདི་གི།
དགའ་སྤྲོའི་མངའ་ལུ་བཀོད་བཅུད་བུ་ཆུང་ང།
སྐྱབས་གནས་བླམ་དང་དཀོན་མཆོག་གསུམ་པོ་གི།
འཁོར་བ་འཁྱམས་པའི་བུ་ཆུང་འཇིགས་མེད་ལུ།
ཐུགས་རྗེ་སྤྱན་གྱི་གཟིགས་ཏེ་སྐྱབས་གཟིགས་གནང།
ཡང་ཡང་ཁྱོད་ལུ་གསོལ་བ་བཏབ་དོ་ང།
No comments:
Post a Comment